དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་༸སྐྱབས་མགོན་ཛྙཱན་བཛྲ་མཆོག

༄༅། །༸སྐྱབས་མགོན་ཛྙཱན་བཛྲ་རིིན་པོོ་ཆེེ་མཆོོག་ནིི་ཡབ་༸སྐྱབས་མགོོན་ཁྲིི་ཆེེན་རྡོོ་རྗེེ་འཆང་ཆེེན་པོོ་དང་རྒྱལ་ཡུམ་བཀྲིིས་ལྷ་སྐྱིིད་རྣམ་གཉིིས་ཀྱིི་རིིགས་སྲས་སུ་ཕྱིི་ལོོ་ ༡༩༧༩ ཟླ་ ༧ ཚེས་ ༥ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་པའི་སྒོ་ནས་སྐུ་བལྟམས། ༸སྐྱབས་མགོན་༸གོང་མ་ཡབ་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཟླས་ལུང་གནང་རྗེས་བོད་ཀྱི་ཡི་གེའི་ཕྱི་མོ་ཀ་མད་སུམ་ཅུ་ཕྱག་གིས་མཛུབ་ཁྲིད་བཀའ་དྲིན་བསྐྱངས་ནས་སྐུ་ཡོན་འབུལ་བཞེས་དབུ་བཙུགས་གནང། དེ་ནས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་རྒྱུད་ཡོངས་སུ་ཕྱུག་པའི་ཡོངས་འཛིན་རྒན་རིན་ཆེན་བཟང་པོ་མཆོག་ནས་སྦྱོར་ཀློག་ནས་འགོ་བརྩམས་ཏེ་རིམ་གྱིས་ཡོངས་འཛིན་མཆོག་ལས་བོད་ཀྱི་བརྡ་སྤྲོད་གཞུང་ལ་གསན་བསམ་དང་ཆབས་ཅིག་དཔལ་ལྡན་ས་སྐྱ་ཆོས་སྒར་གྱི་ཆོ་གའི་རིམ་པ་རྒྱུགས་འབུལ་དགོས་པ་རྣམས་ཡབ་རྗེ་རྡོ་རྗེ་འཆང་དབུར་བཞུགས་ཐོག་ཡོངས་འཛིན་མཆོག་དང་ཆོས་སྒར་གྱི་དབུ་ལས་རྣམ་པའི་མདུན་སར་ཐུགས་ཐོག་ནས་རྒྱུགས་འབུལ་མཛད། ཕྱི་ལོ་ ༡༩༩༢ ལོར་ཕུར་སྒྲུབ་སྐབས་བདུན་པ་བསྐུལ་གནང་མཛད། ཕྱོགས་མཚུངས་དུས་གཏོར་ལྔས་མཚོན་འདོན་རྟ་དབྱངས་གར་འཆམ་དང་བཅས་པའི་ཕྱག་ལེན་ཕྲ་རགས་ཡོངས་སུ་རྫོགས་པ་རྣམས་རྒྱུགས་འབུལ་མཐར་ཕྱིན་པ་མཛད། མདོར་ན་དཔལ་ས་སྐྱའི་གདན་ས་ཆེན་པོ་ལྷོ་བྱང་གཉིས་ཀྱི་ཕྱག་བཞེས་རྣམས་ལ་གསན་བསམ་རྗེ་བཙུན་གོང་མའི་རྣམ་ཐར་བཞིན་དུ་བསྐྱངས།

སྐུ་ནར་སོོན་པ་ན་ས་སྐྱ་མཐོོ་སློོབ་ཏུ་ཕེེབས་ཏེེ་མཁན་ཆེེན་ལེེགས་བཤད་ཀུན་དགའ་མདུན་ནས་དབུ་ཚད་ཕར་ཕྱིིན་ལ་སོོགས་མདོོ་སྐོོར་དང་། ཁྲིི་ཆེེན་རྡོོ་རྗེེ་འཆང་ལ་སོོགས་ཡོོངས་འཛིིན་དུ་མ་བསྟེེན་ཏེེ་ཟབ་མོོ་སྔགས་ཀྱིི་ཆོོས་སྐོོར་བསམ་གྱིིས་མིི་ཁྱབ་པ་གསན། དམ་པ་གོོང་མའིི་ཕྱག་བཞེེས་བཞིིན་རིིགས་ཆོོས་རྡོོ་རྗེེ་ཕུར་པ་དང་ས་སྐྱ་པའིི་ཆོོས་སྐལ་ཡིི་དམ་ཀྱེེ་རྡོོ་རྗེེ་ལ་སོོགས་པའིི་སྒྲུབ་པ་མཐར་ཕྱིིན་མཛད། དེེའིི་ཉེེར་ལེེན་ལས་ཐེེག་པ་ཆེེན་པོོའིི་ཉམས་ལེེན་གྱིི་སྙིིང་བཅུད་ཐུགས་གཤིིས་ཤིིན་ཏུ་བཟང་ཞིིང་ཕན་སེེམས་ཆེེ་བ་དང་ཟབ་མོོ་སྔགས་ཀྱིི་ཉམས་ལེེན་གྱིི་སྙིིང་བཅུད་རྩ་བའིི་བླ་མ་སྐྱབས་གནས་མཐར་ཐུག་ཏུ་བཞེེད་ཅིིང་སྐྱོོང་བའིི་ངོོ་མཚར་རྣམ་ཐར་བཟང་པོོ་རྒྱུན་གཏན་དུ་མངའ་བའིི་གཏམ་གྱིི་སྙན་གྲགས་ཕྱོོགས་ཀྱིི་ཞལ་སློོབ་རྒྱ་མཚོོའིི་རྣ་བའིི་བུ་གའིི་བདུད་རྩིིར་གྱུར། ༸སྐྱབས་མཆོོག་བཅོོ་བརྒྱད་ཁྲིི་ཆེེན་རིིན་པོོ་ཆེེའིི་སྐུ་གམ་ནས་དགེེ་ཚུལ་སློོང་གིི་སྡོོམ་པ་བཞེེས་ནའང་ཁྲིི་ཆེེན་ཉེེར་བདུན་པ་འཇམ་མགོོན་ཨ་མེེས་ཞབས་ལ་སོོགས་ཀྱིི་མཛད་པ་ལྟར་འབྱུང་འགྱུར་ས་སྐྱའིི་བསྟན་པའིི་གནས་བབ་ལ་ཤིིན་ཏུ་དགོོངས་ཏེེ་སངས་རྒྱས་ཀྱིི་དམ་ཆོོས་འདུལ་བའིི་ཕྱག་ལེེན་བཞིིན་དགེེ་ཚུལ་སློོང་གིི་སྡོོམ་པ་ཕུལ་ཏེེ་དགེེ་བསྙེེན་གྱིི་སྡོོམ་པ་བཞེེས། མཚན་མཆོོག་གསུམ་ལྡན་གྱིི་རིིགས་སྲས་སྤེེལ་ཐུབ་ན་ཕན་བདེེའིི་འབྱུང་གནས་ཡིིན་པར་དགོོངས་ཏེེ་བདག་མོོ་བསོོད་ནམས་དཔལ་སྐྱིིད་རིིག་མར་བཞེེས་ཏེེ་མཁའ་ཁྱབ་བསྟན་འགྲོོའིི་དོོན་དུ་གདུང་སྤེེལ་མཛད། སྔོོན་དུས་གུ་རུ་པདྨས་བྱིིན་གྱིིས་བརླབས་པའིི་བག་ཆགས་དུས་སུ་སྨིིན་ཏེེ་སྙིིགས་མ་ལྔ་བདོོའིི་དུས་ཀྱིི་ཁ་གཏད་གསང་ཆེེན་རྡོོ་རྗེེ་ཕུར་པའིི་ཉམས་བཞེེས་རྟག་པར་རྒྱུན་གཏན་གནང་རྒྱུར་ཤིིན་ཏུ་མཉེེས་པ་ཙམ་མ་ཟད། སྙིིགས་མའིི་དུས་ཀྱིི་རྒུད་པ་མ་ལུས་བཟློོག་ཕྱིིར་ལོོ་ལྟར་རྒྱ་གར་དང་། བལ་ཡུལ། སོོག་ཡུལ། ཐེེ་ཝན། ཧོོང་ཀོོང། མ་ལེེ་ཤིི་ཡ། སིིངྒ་པུར། ཕིི་ལིི་པིིན་དང་ཕ་རན་སིི་ལ་སོོགས་སུ་གསང་ཆེེན་རྡོོ་རྗེེ་ཕུར་པའིི་སྒྲུབ་ཆེེན་བཙུགས་ཏེེ་སྣོོད་བཅུད་གཉིིས་ཀ་བྱིིན་གྱིིས་བརླབས་ཏེེ་ཕན་བདེེའིི་རྩ་བ་བསྐྲུན་དང་སྐྲུན་པར་མཛད། འབྱུང་བར་འགྱུར་བའིི་དུས་ལའང་ལྷག་པར་དུ་ནུབ་ཕྱོོགས་ཨ་རིི་དང་ཡུ་རོོབ་རྒྱལ་ཁབ་གཞན་སོོགས་འཛམ་གླིིང་ཡུལ་གྲུ་དུ་མར་དུས་ཀྱིི་རྒུད་པ་བཟློོག་ཕྱིིར་བཅོོམ་ལྡན་རྡོོ་རྗེེ་གཞོོན་ནུའིི་སྒྲུབ་ཆེེན་འཛུགས་རྒྱུའིི་ལས་འགུལ་ཕྱག་བསྟར་མཛད་བཞིིན་པ་ཡིིན།

༸སྐྱབས་མཆོོག་ཁྲིི་ཆེེན་རྡོོ་རྗེེ་འཆང་གིི་བཀའ་དགོོངས་ལྟར་ངལ་བ་བདག་གིིར་བཞེེས་ཏེེ་བསྟན་པ་སྤྱིིའིི་དོོན་ཁོོ་ནའིི་ཆེེད་དུ་དེེཧ་རཱ་དཱུུན་དུ་ས་སྐྱ་སློོབ་གཉེེར་ཁང་(Sakya Academy)གསར་དུ་བཙུགས་ཏེེ། དེེང་དུས་སློབ་ཕྲུག་བརྒྱ་ཕྲག་མང་པོོར་གནའ་དེེང་གིི་ཤེེས་ཡོོན་གྱིི་མཐུན་རྐྱེེན་མཁོོ་སྒྲུབ་གནང་བཞིིན་པ་དང་། སླད་དུའང་འཕགས་ཡུལ་རྒྱ་གར་གྱིི་ས་ཁུལ་གཞན་དང་བལ་ཡུལ་སོོགས་འཛམ་གླིིང་ཡུལ་གྲུ་དུ་མར་ནང་བསྟན་སླར་གསོོའིི་ཆེེད་སློོབ་གཉེེར་ཁང་གསར་དུ་འཛུགས་རྒྱུའིི་དགོོངས་པ་བཞེེས་བཞིིན་འཚལ། སོོག་ཡུལ་དུ་“འཕགས་པ་ཐེེབས་རྩ་”གསར་དུ་བཙུགས་ཏེེ་སོོག་ཡུལ་གྱིི་དགོོན་རྙིིང་ཚོོར་ཉམས་གསོོ་དང་དགོོན་པ་མེེད་སར་དགོོན་པ་གསར་དུ་བཞེེངས་པ་བཅས་བསྟན་འགྲོོའིི་དོོན་སོོ་སྐྱེེའིི་བློོ་ལས་འདས་པ་བསྐྱངས་དང་སྐྱོོང་བཞིིན་པ་ཡིིན།
ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ཉིན་དཔལ་ལྡན་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་དཔལ་ལྡན་ས་སྐྱའི་ལུགས་ཟུང་ཁྲི་འཛིན་ཞེ་གསུམ་པར་གསེར་ཁྲིར་མངའ་གསོལ་དང་ཐུགས་འགན་བཞེས་གནང་མཛད་པ་ནས་བཟུང་། དཔལ་ལྡན་ས་སྐྱའི་བྱེས་ཀྱི་གདན་ས་རྒྱ་གར་རཱཇ་པུར་དེཧརཱ་དཱུན་དུ་གཙོ་བོ་དཔལ་ལྡན་ས་སྐྱར་བཀའ་བབས་པའི་གདམས་ངག་ཟབ་མོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་དང་། སྒྲུབ་ཐབས་ཀུན་བཏུས་ལས་སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་རྒྱས་ཆོས་འཁོར་བསྐོར་གནང་མཛད་པ་དང་། གཞན་ཡང་རིང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལ་དྭགས་མང་སྤྲོ་དགོན་གཙོས་གཞི་ཆགས་ཁག་དང་སློབ་གྲྭ་སོགས། ཟངས་དཀར་ཁུལ་གྱི་དགོན་སྡེ་ཁག་དང་གཞིས་ཆགས་དང་སློབ་གྲྭ་སོགས། གློ་བོ་ས་སྐྱ་ནང་པའི་ཚོགས་པས་གསོལ་བ་བཏབ་པ་ལྟར་གློ་བོ་གཙང་རང་ཆོས་སྡེ་རུ་གློ་བོ་ཡོངས་ཀྱི་ས་སྐྱ་སྨོན་ལམ་གྱི་ཚོགས་མགོན་དུ་བཀྲིན་བསྐྱངས་གནང་།

གཞན་ཡང་གློ་བོ་སྟོད་སྨད་གཉིས་སུ་གདན་ཆགས་པའི་དགོན་སྡེ་ཁག་གཙོས་གཞི་ཆགས་དང་སློབ་གྲྭ་ཁག་སོགས་སུ་ཆོས་འབྲེལ་དང་བཀའ་དབང་དང་བཀའ་སློབ་ལམ་སྟོན་བཀྲིན་གཞལ་དུ་མེད་པ་བསྐྱངས་གནང། སྤི་ཏི་ཡུལ་མིའི་སྤྱིའི་རིམ་གྲོར་ཕུར་བཟློག་དང་སྲི་མནོན་དང་། དགོན་སྡེའི་གཙོས་གཞི་ཆགས་དང་སློབ་གྲྭ་སོགས་སུ་བཀའ་ཆོས་དང་བཀའ་སློབ་ལམ་སྟོན་དང་ཞབས་བཅག་བྱིན་བརླབས་བཀྲིན་བསྐྱངས་པ་སོགས་བསྟན་འགྲོའི་དོན་ཁོ་ན་ལ་གཟིགས་ཏེ་ངལ་བ་ཁྱད་དུ་བསད་དེ་གདུལ་བྱ་མ་སྨིན་པ་སྨིན་པར་མཛད་པ་དང་སྨིན་པ་གྲོལ་བར་མཛད་པ་སོགས་ས་སྐྱའི་ཁྲི་འཛིན་གྱི་ཐུགས་འགན་མཐའ་དག་གོང་མའི་ཕྱག་བཞེས་བཞིན་བཞེས་ཤིང་།

ལྷག་པར་དུ་ལོོ་ལྟར་རྒྱ་གར་དང་ཨ་རིི། ཡུ་རོོབ། ཐའི་ཝེན་ལ་སོོགས་པར་ཡུལ་གྲུ་དུ་མར་ས་སྐྱ་འཇིིག་རྟེེན་ཞིི་བདེེའིི་སྨོོན་ལམ་ཆེེན་མོོའིི་ཚོོགས་མགོོན་དུ་ཕེེབས་པ་མ་ཟད་ཆོས་འབྲེལ་བཀའ་དབང་དང་ཐུགས་བརྩེ་བ་ཆེན་པོས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པའི་འདི་ཕྱི་གཉིས་སྨན་གྱི་བླང་དོར་བཀའ་ཆོས་དང་བཀའ་སློབ་ལམ་སྟོན་གནང་བ་སོགས་མཐའ་ཡས་པའི་གདུལ་བྱ་སྨིན་གྲོལ་གྱི་ས་ལ་བཀོད་པའི་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པའི་ངང་ནས་བདག་ཅག་སྐལ་ལྡན་འགྲོ་བའི་མགོན་དཔུང་དུ་བཞུགས་བཞིན་ལགས་སོ།། །།

keyboard_arrow_up